查看原文
其他

༧ རྩ་བའི་བླ་མ་ནོར་བུ་བཟང་པོ་དགོངས་པ་ཆོས་དབྱིངས་སུ་འཐིམ་པ།

琼阿米达 琼阿米达 2021-05-20





༄༅།། རི་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་གི་དགེ་བའི་བཤེས་གཉེན་ཆེན་པོ་བྱ་བྲལ་བ་བླ་མ་ནོར་བུ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་པ། 


ཨོཾ་ཨཱཿཧཱུྃ། མཆོག་གསུམ་རྩ་གསུམ་སྲུང་མའི་བྱིན་མཐུ་ཡིས།། 

བྱང་ཆུབ་སེམས་མཆོག་ཡིད་བཞིན་ནོར་བུ་ལ།། 

དབང་འབྱོར་འཕྲིན་ལས་བཟང་པོ་བསྟན་འགྲོའི་གཉེན།། 

བཤེས་གཉེན་བཀའ་དྲིན་ཅན་ལ་གསོལ་བ་འདེབས།།




དེ་ཡང་རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་དང་བྲལ་བའི་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་༧ བྱ་བྲལ་བ་བླ་མ་ནོར་བུ་བཟང་པོ་མཆོག་ནི་བོད་རབ་བྱུང་བཅུ་བདུན་པའི་ལྕགས་གླང་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་གྱི་མཚན་མོ་དུས་ཚོད་དགུ་དང་སྐར་མ་བཞི་བཅུའི་སྟེང་དུ་བདག་སོགས་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་རེ་ཞིག་དགོངས་པ་ཞིང་གཞན་དུ་གཏད་པའི་ཚུལ་བསྟན་ནས་བདག་ཅག་རྣམས་ཀྱི་བསོད་ནམས་ཀྱིས་མ་ཐེག་པའི་སྐལ་བས་ཕོངས་པར་གྱུར། 
    
     དམ་པ་ཁོང་ཉིད་ཞི་བར་གཤེགས་ནས་ཞག་གྲངས་བདུན་ཕྲག་གཅིག་སོང་བ་དང་བསྟུན་ནས་རི་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་གི་དགེ་འདུན་འདུས་སྡེ་ཡོངས་དང་དད་ལྡན་མང་ཚོགས་སོགས་བླ་མ་རིན་པོ་ཆེ་ཁོང་དང་འབྲེལ་བ་ཡོད་པའི་སྐལ་ལྡན་སློབ་ཚོགས་རྣམས་ལ་ཞུ་བྱ་གཙོ་བོ་ནི།  བོད་ཟླ་བཞི་བའི་ཚེས་དྲུག་ཉིན་ནས་འགོ་བཟུང་སྟེ་ཉིན་གསུམ་ (2021.5. 18—5.20) གྱི་རིང་དུ་གདུང་མཇལ་གནང་རྒྱུ་དང་།   གདུང་མཇལ་གྱི་ཉིན་རྗེས་མ་སྟེ་བོད་རྩིས་ཀྱི་ཚེས་བཅུའི་ཉིན་(2021.5.21)ལ་སྦྱིན་སྲེག་རྣམ་པ་བཞིའི་ཆོ་གའི་སྒོ་ནས་གདུང་ཞུ་འབུལ་འཆར་ཡིན།   དེ་ནི་༧ མཆོག་སྤྲུལ་ངག་དབང་མཁྱེན་རབ་ཕུན་ཚོགས་ཀྱིས་དཔལ་ཀྱཻ་རྡོ་རྗེའི་ཆོ་ག་ལ་བསྟེན་ནས་སྦྱིན་སྲེག་གནང་བ་དང་།  དྷི་ཕུ་དཔལ་ལྡན་རྒྱ་མཚོས་མི་འཁྲུགས་པ་དང་།  རི་བ་དགོན་པའི་ཁྲི་བ་བླ་མ་མགོན་པོ་བསོད་ནམས་ཀྱིས་ཀུན་རིག་དང་།  ཆོས་རྗེ་གྲྭ་ཚང་ཁྲི་བ་ཆོས་དཔལ་བཟང་པོས་ནཱ་རོ་མཁའ་སྤྱོད་ཀྱི་ཆོ་གའི་སྒོ་ནས་སྦྱིན་སྲེག་འབུལ་རྒྱུ་བཅས་ཡིན་ནོ། །  
     
     དམ་པ་ཁོང་ནི་ཚང་མས་ཤེས་གསལ་ལྟར་དུ་སྐུ་ཚེ་གང་བོ་བསྟན་པ་དང་འགྲོ་བའི་དོན་ཁོ་ནར་དགོངས་ཏེ་ཉིན་མཚན་འདས་པ་དང་ལྷག་པར་ཏུ་དགོན་པ་འདིའི་ཕྱིའི་རྟེན་བཞེངས་པ་དང་ནང་གི་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ།  གཞན་འབངས་མི་སེར་ལ་ཐུགས་བརྩེ་བ་ཆེན་པོས་བཟུང་བ་སོགས་བཀའ་དྲིན་དང་ཐུགས་རྗེ་བྱིན་རླབས་ཀྱིས་དུས་རྟག་ཏུ་བསྐྱོངས་ཏེ་དགུང་གྲངས་དགུ་བཅུའི་ཐོག་ཏུ་རེ་ཞིག་སྐུ་གཟུགས་ཀྱི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པར་གྱུར་བའོ།།  



2021.5.17 རི་དགོན་བཀྲ་ཤིས་ལྷུན་གྲུབ་གླིང་གི་སྤྱི་ལས་སྣེ་བས་ཕུལ།



༧ མཆོག་སྤྲུལ་ངག་དབང་མཁྱེན་རབ་ཕུན་ཚོགས་ཀྱིས་དཔལ་ཀྱཻ་རྡོ་རྗེའི་ཆོ་ག་ལ་


བསྟེན་ནས་སྦྱིན་སྲེག་གནང་བ།









 དྷི་ཕུ་དཔལ་ལྡན་རྒྱ་མཚོས་མི་འཁྲུགས་པའི་ཆོ་ག་ལ་བསྟེན་ནས་སྦྱིན་སྲེག་གནང་བ།

 






ཆོས་རྗེ་གྲྭ་ཚང་ཁྲི་བ་ཆོས་དཔལ་བཟང་པོས་ནཱ་རོ་མཁའ་སྤྱོད་ཀྱི་ཆོ་ག་ལ་བསྟེན་ནས་སྦྱིན་སྲེག་གནང་བ།







 

རི་བ་དགོན་པའི་ཁྲི་བ་བླ་མ་མགོན་པོ་བསོད་ནམས་ཀྱིས་ཀུན་རིག་གི་ཆོ་ག་ལ་བསྟེན་ནས་སྦྱིན་སྲེག་གནང་བ།












 གསལ་བཤད།


ཐོག་མར་སྐུ་ཉིད་“ཁྱུང་ཨ་མྲྀ་ཏའི”འཕྲིན་སྟེགས་སུ་ཕེབས་པར་སྙིང་ཐག་པ་ནས་དགའ་བསུ་ཞུ།  གུས་པས་ངལ་གསོའི་དུས་ཚོད་ཀྱི་བར་སྟོང་དང་བསྟུན་ཏེ་འཕྲིན་སྟེགས་འདིར་བརྗོད་བྱ་གཙོ་བོ་ནང་བསྟན་དང་། ཡིག་གཟུགས།  སྙན་རྩོམ། པར་རིས།  གློག་བརྙན་སོགས་སྣ་འཛོམས་རང་བཞིན་ལས་གྲུབ་པ་ཞིག་སྤེལ་བཞིན་ཡོད་ལ།  དེའང་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་ཞིང་། ལུགས་གཉིས་ཀྱི་ལྟ་བ་ཡང་དག་དང་ལྡན་ལ། ཡ་རབས་ཀུན་སྤྱོད་དང་འབྲེལ་ཡོད་ཀྱི་བརྗོད་བྱའི་སྐོར་ལ་བསམ་གཞིགས་ཅི་ལྕོགས་གཏོང་ཁུལ་བྱས་ཡོད།  

         མདོར་ན་འཕྲིན་སྟེགས་འདིས་གཞན་ལ་ཕན་མ་ཐོགས་རུང་གནོད་མི་སྐྱེལ་བའི་ཀུན་སློང་སྔོན་དུ་སོང་བའི་སྒོ་ནས་རྒྱ་ཆེ་ལ་གཏིང་ཟབ་པའི་གཞུང་བཀའ་པོད་ཀྱི་འཆད་ཁྲིད་གང་མང་དང་།   ནང་དོན་ཕུན་སུམ་ཚོགས་པའི་ལུགས་གཉིས་ཀྱི་སློབ་གསོའི་སྐོར་གྱི་འཆད་ཁྲིད་གྲགས་ཅན་གང་མང་སྤེལ་ཨེ་ཐུབ་སྙམ་པའི་དམིགས་ཡུལ་གཙོར་བཟུང་བྱས་ཡོད།   གལ་ཏེ་འདི་ལ་འགལ་བ་ཡོད་ན་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱིས་གུས་པ་ལ་མཛུབ་སྟོན་དང་རྒྱབ་སྐྱོར་གང་མང་ཡོད་པ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།  

           རྣམ་པ་ཚོ་ལ་གོང་གི་བརྗོད་བྱ་དང་འབྲེལ་བའི་བརྩམས་ཆོས་སྤེལ་འདོད་ཡོད་ན་གཤམ་གྱི་ཡིག་ཟམ་དུ་བསྐུར་དང་ཕྲན་གྱིས་ནུས་པ་གང་ཡོད་ཀྱིས་འཆར་འགོད་གང་ལེགས་སྒོས་སྤེལ་ཅི་ཐུབ་བྱའོ།།   

 

ཡིག་ཟམ་གྱི་ཁ་བྱང་།  351605919@qq.com     

སྐད་འཕྲིན།  351605919

编辑;琼阿米达


འཕྲིན་སྟེགས་དོ་དམ་པ།  ཁྱུང་ཨ་མྲྀ་ཏ།


琼  阿  米  达

公众号 : qiongamida

ཡིག་ཟམ།  351605919@qq.com

ཆོས་ཁྲིད།  ཡིག་གཟུགས།  རྩོམ་རིག  པར་རིས།  གླུ་གཞས།


    您可能也对以下帖子感兴趣

    文章有问题?点此查看未经处理的缓存